学校首页 | 本站首页 | 藏学动态 | 藏文信息 | 科研管理 | 科研项目 | 成果展示 | 学术队伍 | 文件下载 
站内搜索:
 今天是:
当前位置: 本站首页>>藏文信息>>正文
ཀུ་ཤུའི་གློག་ཀླད་ཀྱི་ཧི་ཡིག་གཏག་ཐབས་ལེགས་བཅོས་བཏང་བ།
2019-03-06 15:13  :藏文信息网   (点击: )

  ཀུ་ཤུའི་གློག་ཀླད་ཁྲོད་དུ་སོར་བཞག་གི་གནས་ཚུལ་འོག་ཏུ་བོད་ཡིག་གི་གཏག་ཐབས་སྣ་ཁ་གསུམ་འདུས་ཡོད་པ་དང་། དེ་གསུམ་གྱིས་བོད་ཡིག་སྤྱོད་མཁན་གྱི་འདོད་བློ་ཚིམས་ཀྱི་མེད་སྟབས་ཧི་མ་ལ་ཡའི་མཐེབ་གཞོང་ཡིན་པའི་གཏག་ཐབས་རིགས་ཤིག་བཟོས་ཡོད་པ་རེད།  

ཀུ་ཤུའི་གློག་ཀླད་ཁྲོད་དུ་བེད་སྤྱོད་བྱེད་པའི་ཧི་མ་ལ་ཡའི་མཐེབ་གཞོང་གི་གཏག་ཐབས་ཐོན་རིམ་དང་པོ་དེར་ཀུན་གྱིས་དགའ་བསུ་ཐོབ་པ་དང་ལྷན་དུ་གནད་དོན་ཁ་ཤས་ལྷགས་ཡོད་པ་ནི་དཔེར་ན་ཡིག་རྐྱང་མཁོ་ཕབ་དང་སྦྱོར་བའི་སྐབས་སུ་གཏག་ཐབས་གཞན་ལ་བརྗེ་སྒྱུར་བྱེད་དགོས་པའི་དཀའ་ངལ་འཕྲད་པ་ལྟ་བུ།  

ཐོན་རིམ་གཉིས་པ་འདིའི་ནང་དུ་གནད་དོན་དེ་དག་སེལ་ཡོད་པ་མ་ཟད། མཉེན་ཆས་ཧྲིལ་བོ་དེ་ dmg ཁུག་སྒྲིལ་རྣམ་པར་བཅོས་ཏེ་སྒྲིག་འཇུག་བྱེད་སྟངས་ལའང་འགྱུར་བ་བཏང་ཡོད།  

 

དམར་ཐིག་ནང་གི་ཡིག་ཆ་དེ་དེའི་གམ་གྱི་ཡིག་སྣོད་དེའི་ནང་དུ་དྲུད་ནས་བཞག་ན་འགྲིགགོང་གི་དཔེ་རིས་ནང་དུ་མཐོང་གསལ། སྒྲིག་འཇུག་བྱེད་སྟངས་ལ་སྟབས་ཇེ་བདེ་རུ་བཏང་ཡོད་པ་མ་ཟད། རྟགས་རིས་ཀྱང་ཇེ་མཛེས་སུ་བཏང་ཡོད་པ་རེད།  

མཉེན་ཆས་ཧྲིལ་པོ་ཡིག་ཆ་གསུམ་གྱིས་གྲུབ་པ་དང་། རྟགས་རིས་ཡིག་ཆ་དང་། མཐེབ་གཞོང་ཡིག་ཆ། དེ་མིན་མཐེབ་གཞོང་གི་བཀོད་པ PDF ཡིག་ཆའི་རྣམ་པས་མཁོ་སྤྲོད་བྱས་ཡོད་པ་རེད།  

ཀུ་ཤུའི་གློག་ཀླད་ཁྲོད་དུ་བེད་སྤྱོད་བྱེད་པའི་ཧི་མ་ལ་ཡའི་མཐེབ་གཞོང་གི་གཏག་ཐབས་ཐོན་རིམ་གསར་ཤོས་ཕབ་ལེན་བྱེད་ན་འདིར་གཟིགས་རོགས།  

关闭窗口
 
设为首页  |  加入收藏

甘肃民族师范学院 版权所有